致全地区广大统一战线成员的慰问信(附藏汉双语版)
全地区广大统一战线成员、各族各界人士:
值此春节、藏历新年来临之际,谨向全地区广大统一战线成员、各族各界人士及家人致以节日的问候和美好的祝愿!2020年是新中国历史上极不平凡的一年。这一年,面对严峻复杂的国际形势、艰巨繁重的国内改革发展稳定任务特别是新冠肺炎疫情的严重冲击,以习近平同志为核心的党中央保持战略定力,准确判断形势,精心谋划部署,果断采取行动,付出艰辛努力,交出了一份人民满意、世界瞩目、可以载入史册的答卷。这一年,中国成为全球唯一经济正增长的主要经济体,三大攻坚战取得决定性成就,科技创新取得重大进展,改革开放实现重要突破,民生得到有力保障。这一年,中国经过5年的接续奋斗,经济社会发展取得新的历史性成就,全面建成小康社会和“十三五”规划圆满收官,中华民族伟大复兴向前迈出了新的一大步。这一年,中国共产党十九届五中全会胜利召开,昭示着我国即将迈入全面建设社会主义现代化国家的新发展阶段,开启第二个百年奋斗目标进军的新征程。这一年,习近平总书记亲自主持召开中央第七次西藏工作座谈会,充分肯定了中央第六次西藏工作座谈会以来西藏取得的全方位进步、历史性成就,深刻分析了新时代西藏工作新的阶段性特征,系统阐述了新时代党的治藏方略的丰富内涵,明确了进一步做好西藏工作的指导思想、总体要求和重点任务,是习近平新时代中国特色社会主义思想的“西藏篇”,是雪域高原各族儿女开拓奋进的精神灯塔,是做好新时代西藏工作的根本遵循。这一年,在以习近平同志为核心的党中央坚强领导下,在区党委、政府和地委、行署的坚强领导下,全地区广大统一战线成员及社会各界人士把总书记的肯定和关心转化为干事创业的强大精神动力,荣辱与共、风雨同舟,众志成城、共克时艰,在维护祖国统一和国家安全、争创全国民族团结进步示范地区、抗击新冠肺炎疫情、助力打赢脱贫攻坚战、确保宗教领域持续和谐稳定、扎实做好“六稳”工作、全面落实“六保”任务、奋力开创地区统一战线工作新局面等方面发挥了积极作用,4300米的雪域高原上处处闪现着广大统一战线成员的身影,全地区各族各界人士用实际行动回报了总书记和党中央的关心关怀。 2021年是我国现代化建设进程中具有特殊重要性的一年,是中国共产党成立100周年,是“十四五”规划开局之年,是西藏和平解放70周年。新起点承载新希望,新蓝图开启新征程,站在“两个一百年”的历史交汇点,希望全地区广大统一战线成员、各族各界人士高举爱国主义、社会主义伟大旗帜,不忘合作初心、继续携手前进,不断增强“四个意识”、坚定“四个自信”、做到“两个维护”、增进“五个认同”,更加紧密地团结在以习近平同志为核心的党中央周围,以习近平新时代中国特色社会主义思想为指导,深入学习宣传贯彻落实党的十九届五中全会、中央第七次西藏工作座谈会精神,坚决贯彻区党委和地委工作要求,围绕做好“四件大事”、实现“四个确保”,充分发挥广大统战成员的智慧和力量,以优异成绩庆祝建党100周年和西藏和平解放70周年,努力为建设团结富裕文明和谐美丽的社会主义现代化新阿里、为阿里长治久安和高质量发展作出新的更大贡献。 衷心祝愿全地区广大统一战线成员及各族各界人士,节日愉快、阖家幸福,工作顺利、万事如意,扎西德勒!
中共阿里地委统一战线工作部
2021年1月7日
ས་ཁུལ་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིར་སྤྲིངས་པའི་འཚམས་འདྲིའི་ཡི་གེ
ས་ཁུལ་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་འདིར་ས་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་པུའུ་ཡིས་ས་ཁུལ་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། 2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ལོ་ཞིག་རེད། ལོ་འདིར་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་ཞིང་ལས་འགན་ལྕི་བའི་རྒྱལ་ནང་གི་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དང་གཏོགས་གསར་གློ་ཚད་ཀྱི་ཤུགས་རྐྱེན་གྱིས་དཀའ་ཚེགས་ཆེ་བའི་ལོ་ཞིག་ཡིན་པ་དང་ལོ་འདིར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་ཀྱིས་དུས་བབ་ལ་བརྡར་ཤ་ཡང་དག་གཅོད་པ་དང་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་བ། དཀའ་སྤྱད་འབད་བརྩོན་བྱེད་པ་བཅས་བྱས་ནས་མི་དམངས་བློ་ཡིད་ཚིམ་པ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཐུབ་པ་བཅས་ཀྱི་རྒྱུགས་ཤོག་ཅིག་ཕུལ་ཡོད། ལོ་འདིའི་ནང་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་འཕར་བཞིན་པའི་དཔལ་འབྱོར་སྒྲིག་གཞི་གཙོ་བོར་གྱུར་བ་དང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ཚན་རྩལ་གསར་གཏོད་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ། སྒྱུར་བཅོས་སྒོ་དབྱེའི་ཐད་ཚད་བརྒལ་གྱི་གྲུབ་འབྲས་ཐོབ་པ་དང་དམངས་འཚོར་འགན་ལེན་ནུས་ལྡན་བཅས་བྱུང་ཡོད། ལོ་འདིར་ཀྲུང་གོས་ལོ་5ཡི་འབད་འཐབ་བྱས་པ་བརྒྱུད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མདུན་ཕྱོགས་སུ་གོམ་སྟབས་གསར་པ་ཞིག་སྤོས་ཡོད་པ་རེད། ལོ་འདིར་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་འཚོགས་ཤིང་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་རྒྱུ་ཡིན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པ་གཏོད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། ལོ་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་བ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་བོད་ལ་ཕྱོགས་ཡོངས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་བ་མ་ཟད་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ། བོད་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་མཛུབ་ཁྲིད་བསམ་བློ་དང་སྤྱིའི་བླང་བྱ། གཙོ་གནད་ལས་འགན་བཅས་ཁ་གསལ་བཏོན་གནང་བ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“བོད་ཀྱི་ལེའུ”དང་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་གིས་གསར་འབྱེད་ཡར་བརྩོན་བྱེད་པའི་བསམ་བློའི་སྒྲོན་སྟེགས། དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རྩ་བའི་གཞི་འཛིན་ས་བཅས་རེད། ལོ་འདིར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་དང་སྲིད་གཞུང་། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཡང་དག་འགོ་ཁྲིད་འོག་ས་ཁུལ་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིའི་ཁས་ལེན་དང་ཐུགས་ཁུར་དེ་ལས་སྒྲུབ་ལས་སྐྲུན་གྱི་བསམ་པའི་སྒུལ་ཤུགས་སུ་བསྒྱུར་བ་བྱས་ནས་དཀའ་སྡུག་ཉམས་མྱོང་དང་ཀུན་སེམས་གཅིག་མཐུན། མེས་རྒྱལ་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་གཏོད་པ། གཏོགས་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་སྐུལ་འདེད། ཆོས་ལུགས་ཁྱབ་ཁོངས་རྒྱུན་མཐུད་དང་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན། “བརྟན་པོ་དྲུག”གི་ལས་དོན་ལེགས་པོར་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ། ས་ཁུལ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། སྨི་4300ལྷག་ཙམ་ཟིན་པའི་གངས་ལྗོངས་ས་མཐོར་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད་པ་དང་ས་ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲིན་ལན་འཇལ་བཞིན་ཡོད།
2021ལོ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་འགོ་བཙུགས་ལོ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཞིག་བཅས་རེད། འགོ་འཛུགས་ས་གསར་པའི་ཐོག་རེ་བ་གསར་པ་བཅངས། འཆར་གཞི་གསར་པ་བཀོད་དེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད། “ལོ་བརྒྱ་གཉིས་པའི”ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་ལངས་ནས་ས་ཁུལ་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ཏེ “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “ངོས་འཛིན་གཅིག་མཐུན་ལྔ”གོང་དུ་འཕེལ་བ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དུ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་ལྗོངས་ཏང་ཨུད་དང་ས་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་བྱེད་རྒྱུར་དམིགས་ཏེ་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིའི་བློ་གྲོས་དང་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་ཏེ་མཐུན་སྒྲིལ་ཕྱུག་འགྱུར་དང་ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མངའ་རིས་སྐྲུན་རྒྱུ་དང་མངའ་རིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ས་ཁུལ་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་དུས་ཆེན་སྤྲོ་པོ་དང་ཁྱིམ་ཚང་བདེ་སྐྱིད། ལས་དོན་ལམ་ལྷོངས་། བྱ་བ་ལམ་འགྲོ་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།།
ཀྲུང་གུང་མངའ་རིས་ས་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་པུའུ།
2021ལོའི་ཟླ་1ཚེས་7ཉིན།